བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་སྦྱོང་།

ཟླ་འདིའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་།ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཟུང་གྱི་གོ་སྒྲིག་འོགབོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་བྱས་ཡོད་པ་རེད།

ཟླ་འདིའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་།ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ཟུང་གྱི་གོ་སྒྲིག་འོགབོད་ཀྱི་སྐད་ཡིག་དང་ནང་ཆོས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་བྱས་ཡོད་པ་རེད།

Untitled-2དེ་ཡང་ཆོས་རིག་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་བོད་ཀྱི་ཆོས་རིག་གོང་འཕེལ་གྱི་ལས་འཆར་དུ་མ་ཡོད་པའི་ཁོངས་ནས།ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་དང་ཆོས་རིག་ལས་ཁུངས་ཟུང་འབྲེལ་གྱིས། བཙན་བྱོལ་ནང་བོད་རིགས་མཐོ་སློབ་ཐོན་པའི་སློབ་ཕྲུག་ཉི་ཤུ་སྐོར་ཞིག་ལ། བོད་ཀྱི་སྐད་ཡིག་དང་རིགས་ལམ། ནང་དོན་རིག་པའི་གཞུང་ཆེན་ཁག་གི་ཟབ་སྦྱོང་ཅིག་ཟླ་དྲུང་རིང་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭར་གོ་སྒྲིག་བྱས་ཡོད་པ་ལྟར།ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་དེ་ཕྱི་ཟླ་༧ ཚེས་༢ ཉིན་འཚོགས་ཡོད་པ་རེད།

Untitled-3ཟབ་སྦྱོང་མཛད་སྒོའི་ཐོག་སྐུ་མགྲོན་དུ་གྲྭ་ཚང་མཁན་རིན་པོ་ཆེ་དང་།ཕྱོགས་བཞུགས་སྤྱི་འཐུས།ཆོས་རིག་གི་སྐུ་ཚབ།དེ་བཞིན་ས་གནས་གཞིས་འགོ་སོགས་ཕེབས་ཏེ་བོད་ཀྱི་རིག་གནས་གོང་འཕེལ་ལས་བརྩམས་པའི་གསུང་བཤད་ཀྱང་གནང་ཡོད་པ་རེད། ཟླ་དྲུག་རིང་སློབ་ཚན་དུ་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་རྩོམ་ཡིག་སོགས་དང། ཆོས་འབྱུང་དང་གྲུབ་མཐའ། ཚད་མ་རིག་པ། ཕར་ཕྱིན། དབུ་མ། མཛོད་དང་སྔགས་ཀྱི་ངོ་སྤྲོད་ངོ་སྤྲོད་བྱེད་རྒྱུ་ཡིན་པ་དང་།གཞུང་ཆེན་དེ་དག་གི་སྙིང་བཅུད་ཕྱོགས་བསྡུས་ཀྱིས་སློབ་ཚན་གཏན་འབེབས་གནང་བའི་སློབ་དེབ་གཉིས་ཀྱང་གསར་དུ་པར་སྐྲུན་བྱས་ཡོད་པ་རེད།

ཕྱི་རྒྱལ་སུད་སི་སོགས་ས་གནས་གང་ས་ནས་མཐོ་སློབ་ཐོན་པའི་སློབ་མ་ ༡༧ འཛུལ་ཞུགས་བྱུང་ཡོད་པ་ནས།བུ་༡༡ དང་བུ་མོ་༦ ཡོད་པ་རེད།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།